歌词
རང་ཉིད་འཇིག་རྟེན་ཁམས་འདི་སྐྱེ་ནས་གསོན་ནས་ལོ་ཉི་ཤུ་རྩ་བརྒྱད་
我生育这个宇宙正活过28岁
དཀོན་མཆོག་གསུམ་པོའི་རྗེས་སུ་འབྲང་ནས་དད་ནས་ལོ་ཉི་ཤུ་རྩ་བརྒྱད
་真诚的祈福信仰三宝28岁
རང་ཉིད་དགའ་ཕྱོགས་ཆེད་ལ་འབད་ནས་བརྩོན་ནས་ལོ་ཉི་ཤུ་རྩ་བརྒྱད་
为自己热爱的奋斗着28岁
གཞས་མ་གཏམ་གྱི་དུག་ཕོག་ལ་དགའ་ནས་ཉན་ནས་ཡང་ལོ་ཉི་ཤུ་རྩ་བརྒྱད
中了说唱་的毒深爱着28岁
ང་རང་ཆུང་དུས་ལོ་ངོ་བདུན་གྱི་སྐབས།
我幼年7岁时
སྐུ་ཕྲེང་གོང་མའི་ཡང་སྲིད་དུ་ཐུགས་བརྟག་བཅད།
被前世所转世
དེ་ལྟར་གངས་ཅན་བོད་ཀྱི།
世界藏学府
ཆོས་རིག་གཉིས་ཀྱི་ལྟེ་བ།
佛法圣地
མདོ་སྔགས་གཉིས་ཀྱི་ཕ་ས།
显密宗胜地
ཀུན་མཁྱེན་བླ་མའི་གདན་ས།
嘉木样仁波切主寺
བླ་བྲང་བཀྲ་ཤིས་འཁྱིལ་དུ་ཆོས་ཞུགས་བྱས།
拉卜楞 入寺学经
ཆོས་དང་རིག་པའི་གནས་ལ་མ་སྦྱངས་ན་གཞན་གྱི་སྣང་ངོར་མི་མཛེས།
经文辩论学不好被冷眼旁观
ཡིན་ན་འང་། གཞན་ལ་ཕན་མ་ཐོགས་ཀྱང་གནོད་མི་སྐྱེལ་བའི་གནས་ལུགས་དེ་
但不能助人不伤害他人的理念
ངས་སྔོན་ནས་རྟོགས་ཡོད། སྔོན་ནས་ཤེས་ཡོད།
我早领悟早认知
རང་ཉིད་ཀྱི་མི་ཚེའི་ཁ་ཕྱོགས་དང་འགན་འཁྲི་ལྕི་མོ།
自己的人生方向重大义务
མི་ཐེག་ཀྱང་དྲུད་ནས་ཡོང་། མི་དགའ་ཡང་འཐམ་ནས་ཡོང་།
无法抗拒无法抛弃
ཡིན་ན་འང་། གཞན་གྱི་རེ་བ་ཆེན་པོ་བཅངས་ན་དེ་ཡི་ཆེད་དུ་སྡུག་བསྔལ་མྱོང་འོས་པ་
但别人对你有希望为此付出更多辛苦
ངས་སྔོན་ནས་ཤེས་ཡོད། སྔོན་ནས་རྟོགས་ཡོད།
我早认知早感悟
ཡིན་ན་ཡང་། བདེ་སྐྱིད་ནི་རང་དབང་གི་འབྲས་བུ་དང་།
但幸福是自由的果实
རང་དབང་ནི་དགའ་ཕྱོགས་ལ་དབང་བའི་དུས་ཚོད་ཡིན་པ་ངས་སྔོན་ནས་རྟོགས་ཡོད།
自由是属于热爱的时间和空间 这我早知道
ཕོ་ལོ་བཅོ་བརྒྱད་སོན་པའི་དུས་ནས་བཟུང་།
18岁到来之际
ཟོས་ཀྱང་བརྒྱགས་རྒྱུ་མེད་པ། འཐུང་ཡང་ངོམ་རྒྱུ་མེད་པ།
填不饱肚喝不够渴
སྣང་ཡང་སྟོང་བ་ཡིན་པ། འཕྲད་ཀྱང་རེག་རྒྱུ་མེད་པ།
一切皆空 摸不着边
ང་ཡི་རྨི་ལམ་གྱི་དགའ་མ་སྟེ། གཞས་མ་གཏམ་ལ་འཕྲད།
相遇我梦中的爱 说唱
དེ་ཡིས་རང་གི་གཤིས་ཀ་ངོ་མའི་བཟང་ངན་ཕྱི་རུ་མངོན་དུ་བཅུག
说唱让我原形毕露
དེ་ཡིས་རང་གི་ལྷད་མེད་བརྩེ་བའི་ངོ་བོ་ལྷང་ལ་འཕུད་དུ་བཅུག
说唱让我本相毕现
དེ་ཡིས་རང་གི་ཕུགས་འདུན་ཟབ་མོའི་རྨི་ལམ་མངོན་དུ་འགྱུར་དུ་བཅུག
让进一步实现我的梦
དེ་ནི་ཁ་ལག་ལྟག་སྤྲོད་མིན་པ། མངོན་ལྐོག་རྒྱབ་མདུན་མེད་པ།
说唱就是敢说敢为不是表里不一
ཁ་སེམས་སོ་སོ་མིན་པ། བདེན་དོན་གྱི་གནས་ལུགས་དང་མཐུན།
不是心口不一符合原真理
ང་ཡི་རྨི་ལམ་གྱི་དགའ་མ་སྟེ། གཞས་མ་གཏམ།
是我梦中的爱说唱
ང་ཡི་འགྲོ་འཆག་ཉལ་འདུག་གི་རྣམ་ཤེས་སྟེ།
Hip-hop是我相依为命的魂嘻哈音乐
ལོ་འདི་ཉིས་སྟོང་བཅོ་བརྒྱད། ང་ནི་ཕོ་ལོ་ཉི་ཤུ་རྩ་བརྒྱད།
今年2018我28岁
གཞན་གྱི་མིག་ལ་ང་ནི་རིག་འཚོ་མ་ཟིན་པའི་མི་ཞིག་དང་མཚུངས།
别人眼里我就像无底线的人
གཞན་གྱི་སྣང་ངོར་གཞས་མ་གཏམ་ནི་སྐྱུག་བྲོ་བའི་ཟས་དང་མཚུངས།
别人感觉说唱就像腐烂的臭饭
གཞན་གྱི་སེམས་ལ་Rapper ནི་དྲང་བདེན་རྩོད་པའི་བཟི་བོ་དང་འདྲ།
别人心里说唱歌手就像争夺公德的酒鬼
གཞས་མ་གཏམ་གྱིས་མི་སེམས་ལ་བསྐྲུན་པའི་ཤུགས་རྐྱེན།
说唱给予我们的传递
རིག་གནས་དེ་ཡིས་བསྐྱེད་པའི་ནུས་པ། མི་ཚེའི་ལྟ་ཚུལ་གསར་བ།
文化它的精髓之力新的人生观
འཚོ་བའི་ཁ་ཕྱོགས་ངོ་མ། ང་ཚོ་རྗེས་ལུས་ཡིན་པས།
生活的真谛我们太落伍
ཧ་མི་གོ ཆ་མི་འཚལ། རྒྱུས་མི་ལོན།
不明白不观察不理解
འོན་ཀྱང་ང་ལ་མཚོན་ན།
但 对于我
གཞས་མ་གཏམ་ནི་རང་ཉིད་དང་དགའ་ཕྱོགས་མཐུན་པའི་ལྷད་མེད་གྲོགས་མཆོག
说唱就是我心同意和的挚友
གཞས་མ་གཏམ་ནི་རང་ཉིད་དང་འགྲོ་ཕྱོགས་མཐུན་པའི་གྲིབ་མ་ནག་རིལ།
说唱是我形影不离的黑影子
འདི་ནི་ང་ཡི་ཕྱིར་དྲན་གྱི་རིན་ཐང་ཡིན།
正是我回忆的价值
འདི་ནི་ང་ཡི་མདུན་སྐྱོད་ཀྱི་སྤོབས་པ་ཡིན།
正是我向前的勇气
འདི་ནི་ང་ཚོ་ཡི། ལྟ་ཚུལ་གསར་བ།
是我们新观念
འདི་ནི་ང་ཚོ་ཡི། བསམ་བློ་གསར་བ།
是我们新思想
བཟང་བོའི་བསླབ་བྱ་ཉམས་དམས་སུ་འགྲོ་བའི་དུས་འདིར།
这负能量旺盛的时代
བཟང་ངན་གྱི་རྣམ་དབྱེ་དང་། བླང་དོར་གྱི་རྣམ་བཞག་ཕར་ཞོག
难以好坏之分有眼无珠
ཐ་ན་་རང་ཉིད་ཀྱི་དགའ་ཕྱོགས་དང་རྨི་ལམ་ལ་དོ་སྣང་ཙམ་ཡང་བྱས་མ་མྱོང་བའི་མི་འཁྱམ་སྐོར་ཞིག་གིས།
以及没有爱好更没梦想无所事事的那类人
ཐ་ན་་རང་ཉིད་ཀྱི་ཁོར་ཡུག་དང་ཁོར་ཡུག་དེའི་འགན་འཁྲི་ཙམ་ཡང་བརྩོན་ལེན་བྱེད་མ་མྱོང་བའི་དྲྭ་འབུ་སྐོར་ཞིག་གིས།
以及自己生活坏境对环境从未有过责任意识的那类网奴
ཁྲོན་པའི་ནང་གི་སྦལ་བ་བཞིན།
就如井底之蛙
སྤྲིན་པའི་གསེབ་ཀྱི་ཉི་འོད་བཞིན།
就如遮天盖日
ཁོར་ཡུག་གི་ནམ་མཁའ་ཙམ་མ་གཏོགས་མི་མཐོང་མོད།
就如坐井观天
ད་དུང་་གནས་ལུགས་ལ་རྡོག་རྫི་བཏང་ནས།
还 虚张声势
རང་གཤིས་བརྟན་པོ་བོར་ནས།
忘本逐末
མགོ་འཕང་མཐོན་པོར་བཏེགས་ནས།
心高气傲
ཀུ་ཅོ་སྣ་ཚོགས་སྒྲོག་པ་ནི།
无风起浪
ཅི་འདྲའི་སྙིང་རེ་རྗེ།
真是可怜也
ཅི་འདྲའི་ཡིད་རེ་སྐྱོ།
真是悲哀也
ཡོད་ཚད་བློས་གཏོང་ཕོད་པ་ནི་ཁེར་རྐྱང་གི་འཚོ་བའི་ཆེད་དུ་མིན།
牺牲一切不是为了孤独一生的
མི་ཚེ་ཐོས་པར་གཞོལ་བའི་སློབ་གཉེར་བའི་སྤོབས་པ་ནི་ཁྱེད་ཀྱིས་ཨེ་མཐོང་།
人生忠于修行夜以继日的你所识嘛
སྐུ་ཚེ་ ཆོས་ལ་བསྟིམ་པའི་རྣལ་འབྱོར་བའི་རྟོགས་པ་ནི་ཁྱེད་ཀྱིས་ཨེ་ཤེས།
身躯法体裹住恪守虔诚的你所知嘛
མི་རིག་མོ། མི་ཤེསམོ།
看不见地狱不存在地狱嘛
དམྱལ་ཁམས་མིག་གིས་མ་མཐོང་བ་ནི་དམྱལ་ཁམས་མེད་སོང་བ་འུ་རེད་་
无所识无所知
ཕྱིར་ལྟག་མིག་གིས་མ་མཐོང་བ་ནི་ཕྱིར་ལྟག་མེད་སོང་བ་འུ་རེད་་ཤ་ཁྲག་གཅིག་པའི་སྤུན་ཟླ་ཚོ།
看不见后脑勺难道不存在脑勺嘛
ལས་དབང་མཐུན་པའི་གྲོགས་པོ་ཚོ།
同命相连的朋友们
འགྲན་རྩོད་ཆེ་བའི་དུས་འདིར།
争权夺利年代
ང་ཚོས་ཕན་ཚུན་ལ་ཕྲག་དོག་དང་ལེ་བདའ་བྱས་ནས་ཅི་བྱ།
血脉相连的兄弟们
ང་ཚོས་ཕན་ཚུན་ལ་མགོ་སྐོར་དང་བསླུ་བྲིད་བྱས་ནས་ཅི་བྱ།
我们何必相互嫉妒与埋冤
ང་ཚོ་དཔུང་བ་མཉམ་གཤིབ་དང་།
我们何必相互欺骗与伤害
ང་ཚོ་ལག་རྡང་མཉམ་སྦྲེལ་སྒོས།
我们应包容万物
མདུན་དུ་བསྐྱོད། མདུན་དུ་བསྐྱོད་པར་བྱ།
我们应行善积德
ལོ་འདི་ཉིས་སྟོང་བཅོ་བརྒྱད། ང་ནི་ཕོ་ལོ་ཉི་ཤུ་རྩ་བརྒྱད།
专辑信息
1.2018.28