歌词
གཙང་ཆེན་འབྲི་ཆུ་རྫོང་དང་པོ
གཞས་ཚིག: གླིང་ཚང་ཐུབ་བསྟན་རྣམ་རྒྱལ།
གཞས་དབྱངས:ཡུལ་ཤུལ་རྟ་མགྲིན་ནོར་བུ།
གཞས་པ:ཡུལ་ཤུལ་རྟ་མགྲིན་ནོར་བུ།
ཆུ་དམར་རབས་བདུན།
མདོ་ནས་དབུས་ཀྱི་བགྲོད་ལམ་བརྒྱུད་ཡོད།
ཐང་བོད་གནའ་ལམ།
ཐང་བོད་བར་གྱི་གསེར་ཟམ་སྦྲེལ་ཡོད།
ཨོ སྐྱེས་ཆེན་མང་པོོ་ཡི་ཞབས་རྗེས།
ཨ་རྒྱལ་མགོན་པོ་ཡི་གཏམ་རྒྱུད།
འདིི་ནས་གསལ། འདི་ནས་སྙན།
སྐྱ་ལོ་སྡེ་བ་ཡི་མཚེར་ས་གོང་མ།
ང་ཡི་ཕ་ས
ཕ་ཡུལ་འབྲི་སྟོད།
* *
འབྲི་ཆུ་སྔོན་མོ།
ཡ་གླིང་ཆུ་བོའི་ཆུ་མཛོད་ཆེན་མོ།
གཉན་ཆེན་སྡེ་བཞི།
དཔའ་བོ་མཁའ་འགྲོའི་ཁ་འཛིན་མྱུར་ས།
ཨོ བཀའ་འགྱུར་བླ་མ་ཡི་ཆོས་ཆར།
བླ་དཔོན་བཅུ་གསུམ་གྱི་ལོ་རྒྱུས།
འདིི་ནས་བསྩལ །འདི་ནས་དར།
གཙང་ཆེན་འབྲི་ཆུ་ཡི་རྫོང་དང་པོ།
ང་ཡི་ཕ་ས །ཕ་ཡུལ་འབྲི་སྟོད།
ཨོ བཀའ་འགྱུར་བླ་མ་ཡི་ཆོས་ཆར།
བླ་དཔོན་བཅུ་གསུམ་གྱི་ལོ་རྒྱུས།
འདིི་ནས་བསྩལ །འདི་ནས་དར།
གཙང་ཆེན་འབྲི་ཆུ་ཡི་རྫོང་དང་པོ།
ང་ཡི་ཕ་ས །
ཕ་ཡུལ་འབྲི་སྟོད།
ཕ་ཡུལ་འབྲི་སྟོད།
专辑信息
1.江源第一县